མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་མཚུངས་ཆོས་བགྲོ་གླེང་ཚོགས་འདུ་དྲ་ལམ་ནས་འཚོགས།

 

༢༠༢༢ལོའི་ཟླ་༡པའི་ཚེས་ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཚོགས་པས་འགན་སྒྲུབ་གནང་བའི་༼མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཀྱི་མཚུངས་ཆོས་བགྲོ་གླེང་ཚོགས་འདུ་༽དྲ་ལམ་ནས་འཚོགས། མཚོ་སྔོན་གཙོ་བྱས་ཞིང་ཆེན་གཞན་དག་གི་འབྲེལ་ཡོད་མི་སྣ་༣༠༠ལྷག་ཚོགས་འདུར་ཞུགས།

ཐོག་མར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་དཔལ་ཆེན་གསང་བདག་ལགས་གདན་དྲངས་ཏེ་༼སྨན་དཔྱད་བསྟན་བཅོས་ཀྱི་དགོངས་དོན་བཀྲོལ་ཀློག་བྱ་བའི་དོན་སྙིང་དང་དེའི་འཕྲོས་བཤད་༽ཅེས་པའི་ཐད་ནས་འཆད་ཁྲིད་ཀྱི་འགོ་དངོས་སུ་བརྩམས་པ་ཡིན།

ཐེངས་འདིའི་གདན་ཞུས་ཆེད་མཁས་པ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཕྱི་ནད་ཚན་ཁག་གི་སྨན་པ་འབུམ་པ་གཞོན་པ་བཙུན་ཐར་ཡག་ལགས་ནས་༼ཕོ་འབྲས་ཀྱི་གཤག་བཅོས་སྐོར་གླེང་བ་༽ཞེས་པ་བརྗོད་གཞིར་བཟུང་སྟེ་རང་གི་ནད་ཐོག་མྱོང་བ་དང་སྦྱར་ནས་འཆད་ཁྲིད་བྱས་པ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་སྐལ་བཟང་རྡོ་རྗེ་(ཆུང་) དང་། དགེ་རྒན་ཆེན་མོ་གཞོན་པ་འབྲུག་རྩེ་དང་ཕུན་ཚོགས་རྡོ་རྗེ། བསོད་ནམས་ཚེ་བརྟན་བཅས་ཀྱིས་སོ་སོར་༼རྒྱུན་མཐོང་ནད་ལས་དྲེག་ནད་ཀྱི་རྒྱུ་རྐྱེན་དང་རྟགས་བཅོས་སྐོར་གླེང་བ་༽དང་། ༼ནད་ཐོག་དང་སྦྱར་བའི་སྨན་སྦྱོར་ལག་ལེན་གྱི་གནད་འགའ་གླེང་བ། ༽༼རྡོ་དུགས་ཀྱི་རྣམ་གྲངས་དང་ཕན་ནུས༽༼ མ་ཞུ་བ་དང་སྦྱར་ཏེ་རྒྱུན་མཐོང་ནད་རིགས་ཀྱི་བརྟག་བཅོས་སྐོར་གླེང་བ་༽སོགས་རིམ་པར་འཆད་ཁྲིད་གནང་

ཚོགས་འདུའི་བརྗོད་བྱར་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་ཁྱད་ཆོས་མངོན་པར་གསལ་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། ནད་ཐོག་དང་ཉེ་བའི་བརྗོད་བྱ་དག་ཚོགས་ཞུགས་པའི་བློ་ངོར་འཚམ་པ་བྱུང་བས། ཚོགས་འདུའི་དམིགས་ཚད་དུ་སླེབས་ཡོད་ཅིང་། སླད་མའི་རིག་གཞུང་བགྲོ་གླེང་གི་བྱ་བར་རྨང་གཞི་ལེགས་པོ་བསྐྲུན།

 

青海省藏医药学会藏西医结合专业委员会学术年会暨省级继续医学教育项目“传统藏医学与现代医学科学共性观点”学术论坛在线上举办

 

2022年12月9日,由青海省藏医药学会主办,青海省藏医药学会藏西结合专业委员会承办的“青海省藏医药学会藏西医结合专业委员会学术年会暨省级继续医学教育项目‘传统藏医学与现代医学科学共性观点’学术论坛”在线上举办。来自省内外藏医药学专家、学者近300人参会。

本次会议特邀青海省藏医药学会副会长、青海大学藏医学院副教授、博士生导师华欠桑多以“藏医药核心理论挖掘整理的当代意义及其延伸思考”为主题进行精彩的讲座。

同时邀请青海省藏医院外科副主任医师曾太乙亥结合自身多年的临床经验,讲授了“浅谈胃癌各类术式”; 邀请青海大学藏医学院尕藏多吉教授、副教授周则、普措多杰、索南才旦等分别以“常见病之渣奈病的诊疗思维探析”、“ 藏医临床药物实操中的几点思考”、“ 藏医适宜技术--石敷疗法的分类与功效”、“ 结合“不消症”探讨临床常见病的藏医诊疗思维” 等为主题进行授课。

授课专家围绕临床常见病的藏西医诊疗、藏医药核心理论挖掘整理及藏医临床药物实践操作,从理论、实践等不同角度为与会人员作了精彩的学术报告。本次会议主题鲜明、内容丰富,到达了会议预期目标,为省内外从事藏西医结合领域医务人员提供了一个很好的学习交流平台,对推动藏医药学与现代医学学科交叉融合发展奠定了基础。