༄༅།།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་མཆིན་ནད་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་དྲ་ལམ་ནས་བསྡུས།

སྤྱི་ལོ་༢༠༢༢ལོའི་ཟླ་༡༡པའི་ཚེས་༡༤ནས་༡༨ཉིན་བར མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་མཆིན་ནད་ཆེད་ལས་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་མཆིན་མཁྲིས་ཚན་ཁག་གིས་འགན་སྒྲུབ་གནང་བའི་༼མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་མཆིན་ནད་ཆེད་ལས་ཚོགས་པའི་སྐབས་གཉིས་པའི་རིག་གཞུང་ལོ་ཚོགསཐུན་ཞོན་གྲོས་མོལ་བརྒྱུད་བདེ་ལེགས་ངང་བསྡུས།  མཚོ་སྔོན་གཙོ་བྱས་བོད་ལྗོངས་དང་ཟི་ཁྲོན། ཀན་སུའུ་སོགས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་དྲ་བར་ཕེབས་པའི་སློབ་ཞུགས་མི་སྣ་སྟོང་ལྷག་ལ་བུད།

微信截图_20221209173542.png

སྐབས་འདིའི་རིག་གཞུང་ལོ་ཚོགས་ཀྱི་འཆད་ཁྲིད་དགེ་རྒན་ནི་ནད་ཐོག་དང་གཞུང་ལུགས་གཉིས་ལ་མྱོང་གོམས་ལྡན་པའི་སྨན་པ་འབུམ་རམས་པ་གདན་འདྲེན་བྱས་པ་ཡིན་ལ།ཐོག་མར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་མཆིན་ནད་ཆེད་ལས་ཚོགས་པའི་ཚོགས་གཙོ་སྨན་པ་འབུམ་རམས་པ་ལྷ་མཁར་རྒྱལ་ལགས་ཀྱིས་མཆིན་ནད་ཆེད་ལས་ཚོགས་པའི་ལས་གཞི་ངོ་སྤྲོད་དང་མཆིན་མཁྲིས་ཚན་ཁག་གི་ནད་ཐོག་གསོ་བཅོས་སྐབས་ཀྱི་དཀའ་གནད་དང་དོགས་གཞིའི་སྐོར་བསམ་གཞིགས་གཏོང་ཚུལ་བཅས་གཏམ་བཤད་གནང་ཏེ་སློབ་ཁྲིད་ཀྱི་མགོ་བརྩམས་པ་ཡིན།

གདན་ཞུའི་ཆེད་མཁས་བ་དར་མཚོ་རྫོང་བོད་ལུགས་སྨན་ཁང་གི་ཆེད་མཁས་སྨན་པ་ཚེ་བྷོ་ལགས་ནས་༼  བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱོང་བྱེད་ལས་ཀྱི་མདོའི་འགྲེལ་བ་སློབ་དཔོན་དགོངས་རྒྱན།༽  ཞེས་པ་དང་།མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ཕོ་རྒྱུ་ཚན་ཁག་གི་ཆེད་མཁས་སྨན་པ་སྟག་འབྲུག་ཚེ་རིང་ལགས་ནས་༼   མཆིན་ནད་སྐོར་གྱི་བསམ་གཞིགས།༽  མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་པགས་ནད་ཚན་ཁག་གི་ཆེད་མཁས་སྨན་པ་ཕག་མོ་དོན་གྲུབ་ལགས་ནས་༼   བོད་ལུགས་གསོ་རིག་ལས་པགས་ནད་ཀྱི་བརྟག་བཅོས་སྐོར་ཅུང་ཙམ་གླེང་བ།༽  མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དབང་ལྔའི་ཚན་ཁག་གི་ཆེད་མཁས་སྨན་པ་རིན་ཆེན་དོན་གྲུབ་ལགས་ནས་༼   མ་ཞུ་བ་དང་བོད་ཀྱི་གསོ་རིག༽   ཞེས་པ། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ཀླད་ནད་ཁྲག་རྩའི་ཚན་ཁག་གི་ཆེད་མཁས་སྨན་པ་ལྕགས་བྱམས་ཚེ་རིང་ལགས་ནས་༼  ཀླད་གཟེར་ནད་ཀྱི་བརྟག་བཅོས་སྐོར།༽   ཞེས་པ་སོགས་འཆད་ཁྲིད་གནང་པ་ཡིན་ལ།

འཆད་ཁྲིད་འདིའི་ནང་རྒན་དམ་པ་རྣམས་ཀྱིས་མིའི་རིགས་ཀྱི་བདེ་ཐང་འདུ་ཤེས་གཙིགས་སུ་བཀུར་ནས་ན་བ་གསོ་བ་དང་།ནད་མེད་ཚེ་བསྲིང་གི་བྱ་གཞག་དམིགས་སུ་བཟུང་སྟེ་བོད་ཀྱི་གསོ་བ་རིག་པའི་རྒྱུད་དང་ཉམས་ཡིག་ཁག་གི་དགོངས་པ་ཟབ་མོ་རྣམས་གབ་པ་ཕྱུང་བ་དང་། ལག་ལེན་ཉམས་མྱོང་གི་མན་ངག་ཟབ་མོའི་མདུད་རྒྱ་བཀྲོལ་ཏེ་གཞུང་གི་དགོངས་དོན་ལྟར་ལག་ལེན་ཇི་བཞིན་རྒྱུད་སྤེལ་ཡང་དག་གནང་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་གྱི་སྤྱི་ཁོག་བཀྲོལ་བའི་གདམས་ངག་ཟབ་མོ་རྣམས་དཔེ་མཁྱུད་ཀྱི་ལས་ཕྲ་མོ་ཙམ་ཡང་མེད་

པར་བུམ་པ་གང་བྱོའི་ཚུལ་དུ་གནང་ཏེ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་དང་བཅས་མཇུག་སྒྲིལ་བ་ཡིན།


青海省藏医药学会藏医肝病专业委员学术年会以在线形式举办

近日,由青海省藏医药学会主办,青海省藏医药学会藏医肝病专业委员会、青海省藏医院肝胆科承办的“青海省藏医药学会肝病专业委员会学术年”在线顺利举办。受疫情影响,本次会议通过腾讯会议召开,来自省内外从事藏医肝病专家、学者及在校学生近1000人参会。

本次年会特邀请了兴海县藏医院主治医师才保讲授了“藏医泻下疗法师承讲解”;特邀请我会胃肠病专业委员主任委员斗周才让博士、藏医肝病专业委员会主任委员兰科加博士分别以“藏医肝病临床诊疗思路”“火轮疗法稳固五脏六腑之火”;邀请青海省藏医院主任医师、医学博士彭毛东主、仁青东智分别以“藏医皮肤病的治疗”“藏医仁青凑泻疗法、饮食疗法的临床应用”等为主题进行授课。

授课专家围绕藏医肝病临床诊疗新思路、藏医特色疗法在现阶段肝病临床诊疗中的应用,从理论、实操、典型病例等多方面深入浅出、条理清晰的做了精彩的报告。本次学术年会为我省从事藏医肝病专业的医务人员搭建了一个很好的学习交流平台,对提升现阶段藏医肝病临床诊疗开拓了新思路,同时对藏医药的传承和适宜技术的推广应用方面具有重要的意义。