当前位置:首页 > 专业委员会 > 藏医达日卡(放血)疗法专业委员会 > 新闻动态 > 青海省藏医药学会达日卡(放血)疗法专业委员会2023学术年会暨国家级非遗项目藏医放血疗法临床适宜技术推广培训班在西宁隆重召开
青海省藏医药学会达日卡(放血)疗法专业委员会2023学术年会暨国家级非遗项目藏医放血疗法临床适宜技术推广培训班在西宁隆重召开
སྤྱི་ལོ༢༠༢༣ལོའི་ཟླ༡༡པའི་ཚེས༣ནས་ཚེས༥བར། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་གཏར་གའི་ཆེད་ལས་ཚོགས་པས་འགན་བསྒྲུབས་མཛད་པའི་༼་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་གཏར་གའི་ཆེད་ལས་ཚོགས་པའི་༢༠༢༣ལོའི་རིག་གཞུང་ལོ་ཚོགས་དང་དཔྱད་མཆོག་གཏར་ག་རིག་པའི་རྒྱུད་འཛིན་གསར་སྤེལ་སྐོར་གྱི་ཟབ་སྦྱོང་འཛིན་གྲྭ་༽གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས་ཤིང་། མཚོ་སྔོན་གཙོ་བྱས་ཀན་སུའུ་དང་ཟི་ཁྲོན།ལྷ་ས་སོགས་ནས་ཕེབས་པའི་ཚེ་རིག་འཛིན་པ་ལྔ་བརྒྱ་ལྷག་ཚོགས་འདུར་ཞུགས།
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་པདྨ་རབ་བརྟན་དང་མཚོ་སྔོན་ཞིང་ཆེན་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་ཆོས་མཚོ་གཉིས་ཀྱིས་བོད་ཀྱི་གསོ་རིག་གི་འཛིན་སྐྱོང་སྤེལ་གསུམ་གྱི་སྐོར་ལ་གཏམ་བཤད་གནང་བ་དང་ཤིས་ཚིག་ཕུལ། ཁྱད་པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཏེ་དཔྱད་མཆོག་གཏར་གའི་ཆེད་ལས་ཚོགས་པའི་ལོ་གཅིག་གི་བྱ་བ་ལ་གཟེངས་བསྟོད་དང་མ་འོངས་པའི་བྱ་བ་ལ་མཛུབ་སྟོན་གནངས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུད་འཛིན་པ། གཏར་ག་ཆེད་ལས་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་ཉི་མ་ཚེ་རིང་གིས་ཉེ་བའི་ལོ་གསུམ་གྱི་གཏར་གའི་ཆེད་ཚོགས་ཀྱི་བྱ་བར་སྤྱི་སྡོམ་བྱས།
ཐེངས་འདིའི་ཚོགས་འདུ་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཆོས་དབྱངས་རང་གྲོལ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་གཞོན་པ་སེང་ཆེན་ཚེ་རིང་བཅས་ཀྱིས་འགོ་འཛིན་མཛད་ལ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་རིམ་པའི་མིང་གྲགས་ཅན་གྱི་སྨན་པ་འབུམ་རམས་གཞོན་པ་པདྨ་དབང་གྲགས་དང་། སྨན་པ་འབུམ་རམས་པ་ལྷ་མཁར་རྒྱལ། སྨན་པ་འབུམ་རམས་པ་རྟ་མགྲིན་དབང་ཕྱུག སྨན་པ་འབུམ་རམས་པ་འཚོ་སྐྱིད། ཁྲང་ཁྲོན་ཀྲུང་ལུགས་གསོ་རིག་སློབ་གླིང་གི་ཁོངས་གཏོགས་སྨན་ཁང་གི་དོན་སྣོད་བསྐུ་མཉེ་ཚན་ཁག་གི་ཀྲུའུ་རིན་བོའུ་ཞུན་ཆོན་སོགས་ཆེད་མཁས་བཅུ་བཞི་གདན་འདྲེན་བྱས་ཏེ་དཔྱད་མཆོག་གཏར་གར་འབྲེལ་བའི་ནད་ཐོག་ལག་ལེན་དང་རིག་པའི་གཞུང་ལུགས་སྐོར་གྱི་སློབ་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་གནངས་པས་ཚོགས་ཞུགས་ཀྱི་སྨན་པ་དང་དགེ་རྒན།སློབ་བུ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། མ་འོངས་པའི་བོད་ལུགས་གསོ་རིག་གི་དཔྱད་བཅོས་ཀྱི་ལག་ལེན་ཚད་ལྡན་ཅན་དང་ཁྱབ་སྤེལ་གཏོང་བ། སྒོས་སུ་གཞི་རིམ་གྱི་དཔྱད་བཅོས་ཚན་ཁག་འཛུགས་སྐྲུན་དང་རྒྱུད་འཛིན་མི་སྣ་བསྐྱེད་བསྲིང་བྱེད་པ།ཁྱད་པར་གཏར་གའི་ལག་ལེན་གྱི་རྒྱུད་འཛིན་དང་གསར་སྤེལ་གྱི་སྐོར་ལ་ནུས་པ་བླ་ལྷག་ཐོན་སོང་།
མཇུག་མཐར་གཏར་གའི་ཆེད་ལས་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་ཉི་མ་ཚེ་རིང་གིས་ཐེངས་འདིའི་ཚོགས་འདུར་སྤྱི་སྡོམ་མཛད་པ་དང་། གཏར་གའི་ཆེད་ལས་ཚོགས་པའི་ཚོགས་མི་རྣམས་ལ་གཏར་དཔྱད་རྒྱུན་འཛིན་གྱི་དཔེ་དེབ་དང་འགེལ་ཐང་། ཚད་ཐོན་དཔང་ཡིག་བཅས་ཕུལ་ནས་བཀྲ་ཤིས་པའི་ཚོགས་མཇུག་སྒྲིལ།
为充分发挥我省藏医药特色优势,进一步提高国家级非物质文化遗产代表性项目藏医达日卡(放血)疗法的传承与发展,2023年11月3日-5日,由青海省藏医药学会主办、青海省藏医药学会达日卡(放血)疗法专业委员会、青海省藏医院国家级非遗代表性项目藏医放血疗法传承基地、全国名老中医药专家(万玛昂智)传承工作室建设项目研究团队承办的“青海省藏医药学会达日卡(放血)疗法专业委员会2023年学术年会暨国家级非遗项目藏医放血疗法临床适宜技术推广培训班”在古城西宁隆重召开。来自青海、西藏、甘肃、四川等地区从事藏医药相关工作的卫生技术人员、高等院校教师、住培医师共500余人参加会议。
青海省藏医药学会副会长、省藏医院副院长万玛拉旦,青海省文化和旅游厅非遗保护中心主任青措出席会议并致辞。我会副会长万玛拉旦对放血疗法传承与研究以及放血疗法优势病种痛风的团体标准发布及实施给于了高度评价和充分肯定,对放血疗法专委会下一步工作进行了安排部署。
青海省藏医药学会达日卡(放血)疗法专业委员会主任委员、藏医放血疗法代表性传承人尼玛才让总结了达日卡(放血)疗法专委会近三年取得的科研成果和业务培训情况,规划了今后重点工作任务。他表示希望此次学术会能够为国家级非遗代表性项目—藏医放血疗法的传承和发展提供一个交流平台,进一步规范完善藏医达日卡(放血)疗法的流程操作,为基层中藏医馆医务人员开展适宜技术项目起到积极促进作用。
学术会特邀请全国名老藏医药专家万玛昂智,青海省名医、省藏医院主任医师措吉,青海大学藏医学院教授、博士生导师贡却坚赞分别以《从医经验、常见放血脉位的定位及辩证方法》《藏医妇科疾病分类、症状鉴别与达日卡辩证取穴思路》《藏医达日卡(放血)术前术后辨证膳食指导》为主题进行授课;邀请吉林省长春中医药大学附属医院推拿科主任吴兴全,青海省第五人民医院主治医师周洁分别以《关于脏腑推拿常用手法技法与临床应用》《健康生活、从齿开始》为主题进行精彩的授课。
同时,邀请了青海省藏医院主任医师兰科加、斗周才让,青海省青年岐黄学者旦正项秀等专家分别讲授了《肝硬化失代偿期水臌五步疗法及达日卡技术》《基于藏医胃肠生理功能诊治胃溃疡临床疗效研究与达日卡辩证选穴》《藏医煳儿美疗法的临床应用与达日卡联合应用研究》,青海省藏医院副主任医师吉先才让、牛秀得,主治医师央秀分别讲授了《藏医脉络(白脉、黑脉放血脉位)疾病的临床应用研究》《休克藏西医救治与放血关联性研究》《白内障诊治与达日卡辩证取穴思》等内容。国家级非遗项目藏医放血疗法代表性传承人尼玛才让以《藏医放血疗法诊治常见病的经验、藏医金针特尔玛学十五大操作手法》主题全方位讲解藏医放血疗法的操作流程。
此次会议授课内容丰富、可操作性强,现场氛围活跃,授课专家结合自身丰富的临床和教学经验,以图文并茂的形式深入浅出地讲授相关知识,极大地激发了参会学员的学习热情和浓厚兴趣。经考核,共为500名参会学员免费发放了《藏医放血疗法脉位挂图》、《藏医人体放血铜人脉位指南》、《藏医药特色疗法精选》和《藏医直候病(痛风)诊断与分类规范》等4本学术著作以及培训结业证书。与会学员纷纷表示今后将立足本职、结合临床、规范操作国家级非遗项目“藏医放血疗法”,积极推广应用藏医放血疗法,为藏医药传承发展和创新研究尽自己的一份力量。
本次学术会,围绕国家级非遗项目藏医放血疗法与教学、科研、康养、文化五维一体架构下,全面系统的阐述和研究藏医放血疗法,对推广非遗技术、推进交叉学科重建、三甲医院非遗传承基地核心技术下沉于基层具有重要的借鉴意义。